༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སི་སྒྲུབ་ཐབས་རྗེས་གནང་ བྱ་ཚུལ་བཞུགས་ ། ༈ འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཡང་སྙིང་ནི། སྔོན་འགྲོ་ལ་སྐྱབས་འགྲོ་སྤྱི་ལྟར་དང། བདག་གིས་སེམས་ ཅན་ཐམས་ཅད་ཀྱི་སྐྱེ་འཆིའི་སྡུག་བསྔལ་བསལ་ནས། སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། །ཞེས་སེམས་ བསྐྱེད། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཱཾ་ཡིག་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ [033B] རྒྱུན་བཤགས་དང་ཚད་མེད་སྤྱི་དང་འདྲ། དངོས་ གཞི༑ སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཏཱཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་ དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་མཆོག་སྦྱིན་དང། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ ལ་དཀར་པོ་མ་འབྲས་གང་བས་མཚན་པ་བསྣམས་པ། སྤྱན་བདུན་དང་ལྡན་ཅིང་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་ དང་དར་གྱི་ན་བཟས་ཀླུབས་ཤིང། ཟླ་བའི་རྒྱབ་ཡོལ་ལ་སྐུ་དྲང་པོར་བརྟེན་ནས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་ [034A]༄༅། །བརྒྱན་པར་གྱུར། ཅེས་བསྐྱེད་ལ། ཨོཾ་ཨཱརྱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་ཏྟ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནང་ རྣམས་ལས་ཀྱང་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིགས་བརྒྱད་པ་ལྟེ་བ་མུ་ཁྱུད་ལྔ་སྤྲགས་དང་བཅས་པར་ཏཱཾ་ཡིག་ལ་བཟླས་བྱའི་ སྔགས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྡོར་འཕྲེང་འོད་འཕྲེང་དང་བཅས་པས་བསྐོར་བ་ལས་འོད་ཟེར་འཕྲོས། རིགས་བདག་ཚེ་དཔག་མེད་དུ་གནས་འགྱུར་པའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ ཧྲཱི་ལས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུ་ལས་བྱུང་བའི་བདུད་རྩིའི་རྒྱུན་དང། རང་གི་ཐུགས་ཀའི་སྔགས་འཁོར་ལས་བབས་པའི་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནད་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་ གྲུབ་ཐོབ་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་དཀར་སེར་དམར་མཐིང་ལྗང་མཆིན་གྱི་ཚོགས་རྣམས་རིམ་པ་བཞིན་དུ་འཕྲོས། འོད་ཟེར་དེ་དག་གི་གུར་ཁྱིམ་བསྐལ་བའི་ རླུང་ཡང་མི་ཐར་བའི་རང་བཞིན་ཅན་དུ་གྱུར་པའི་བར་མཚམས་ཐམས་ཅད་མེ་ཏོག་ཨུཏ་ལས་ཁེབས་པ། རང་ཉིད་ཀྱི་ཕྱི་རོལ་ཏུ་གདོན་བགེགས་རྣམས་ཀྱིས་མི་ཕྱེད་པའི་སྲུང་བའི་འཁོར་ལོ་བཙན་པོ་ [034B] ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུ་རྤུ་ཎཡ་ཛྙ་ན་པུཥྚིཾ་ཀུ་རུ་སཱ་ཧཱ། ཞེས་ཅི་ནུས་བཟླས་ལ། སྔར་ལྟར་མཆོད་བསྟོད་དང་ཡིག་བརྒྱས་བརྟན་པར་བྱ་ མཇུག་ཏུ་དགེ་བ་འདི་ཡིས་མྱུར་དུ་བདག་ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །ཞེས་སོགས་དང། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང། ཞེས་སོགས་ཀྱིས་བསྔོ་སྨོན་དང་བཀྲ་ཤིས་བྱའོ། །ཞེས་ པ་འདི་ཡང་རྗེ་ཚར་ཆེན་དང་རྒྱལ་མཆོག་ལྔ་པའི་གསུང་ལས་བཏུས་ནས་དགེ་སློང་དྷརྨ་བྷ་དྲས་ལེགས་པར་སྦྱར་བའོ།། ༈ འདིར་སྒྲོལ་དཀར་ཡིད་བཞིན་ འཁོར་ལོའི་རྗེས་གནང་བྱ་ཚུལ་ནི། གནས་གཙང་མར་སྟེགས་བུ་ལ་པདྨ་དཀར་པོ་འདབ་མ་བརྒྱད་པ་ལྟེ་བ་ལྗང། གེ་སར་སེར། མུ་ཁྱུད་གོང་རས་མཛེས་ཚོན་བྱས་པའི་ལྟེ་བར་ཚོམ་བུ་དཀར་པོ་བཀོད། དེའི་སྟེང་དུ་ མཉྫིའི་ཁར་ཟླུམ་གཏོར་དཀར་པོ་རིལ་བུས་བསྐོར་བ་ལ་ཙ་ཀ་ལ་དང་གཏོར་གདུགས་བཙུགས། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་མཚམས་འཛིན་གྱི་མེ་ཏོག་བཅས་དང། མདུན་དུ་འབུལ་གཏོར། ཉེ་ལོགས་ སུ་རྡོར་དྲིལ་བུམ་པ་འཐོར་འབྲུ་སོགས་དགོས་པའི་ཡོད་བྱད་རྣམས་ཚར་དུ་དངར། རྗེ་བཙུན་མའི་བདག་བསྐྱེད་ལོགས་སུ་བཀོད་པ་ལྟར་བཏང། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་ [035A]༄༅། །བཟླས་ནས་བསང་ཆུ་བསྒྲུབ། མཆོད་པ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ་ གྱིས་བརླབ། བསྒྲུབ་གཞི་ཨ་མྲྀ་ཏེས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཞེས་པ་ནས། བསྟོད་པའི་བར་བདག་བསྐྱེད་ལྟར་ལ་རང་ཉིད་སོགས་དོར་ནས་ བརྗོད། དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟར་མུ་ཁྱུད་ལྔ་སྒྲགས་དང་བཅས་པར་ཏཱཾ་ཡིག་ལ་བཟླ་བྱའི་སྔགས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྡོར་འཕྲེང་འོད་ འཕྲེང་དང་བཅས་པས་བསྐོར་བ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ཏེ་ཐིམས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ ཏེ་སྔགས་གང་མང་བཟླ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་གཏོར་མ་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱ་ཧཱུཾ། ལན་གསུམ། ཨོཾ་ཨཱརྱ་ཏཱ་རཱ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ ལན་གསུམ་གྱིས་ཕུལ། མཆོད་བསྟོད་བྱ། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་མཐུན་མོང་གི་དངོས་གྲུབ་མ་ལུས་པ་ [035B] ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ཏེ་འཁོད་པ་ལ། མཎྜལ་འབུལ་བར་བསྐུལ་རྗེས། འོ༑ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། གསན་བྱའི་ཆོས་ནི་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཡིན་པས་ཐོག་མར་སློབ་དཔོན་སྒྲོལ་དཀར་ཡིད་བཞིན་འཁོར་ལོར་མོས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ་ བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་སླད་དུ་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་ ཡན་ལག་བདུན་གྱི་སྒོ་ནས་བྱང་སྡོམ་གཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ནས༑ སངས་རྒྱས་འགྲུབ་པར་ཤོག་ལན་གསུམ། ང་རྗེས་གནང་གི་གཞི་འགོད་པའི་སླད་ དུ་དམིགས་པ་འདི་བཞིན་མཛོད། སློབ་མ་རྣམས་ཨ་མྲྀ་ཏེས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་གོ་སར་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་། ཐུགས་ཀར་ཧཱུཾ་ [036A]༄༅། །སློབ་མ་རྣམས་ཀྱི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་། འོད་འཕྲེང་དང་བཅས་པས་བསྐོར་བར་གྱུར། ཅེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚབ་ཏུ་ སློབ་མ་རྣམས་ཞེས་བཅུག་སྟེ་བསྐྱེད། དངོས་གཞི་ལ་གསུམ་ལས་དང་པོ་སྐུའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང། །སྐུ་གསུམ་ཡེ་ ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་མཆོག་རྗེ་བཙུན་མའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་བསྐྱེད་དང་ཕྱོགས་བཅུའི་རྒྱལ་བ་སྲས་ བཅས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ནས། སློབ་མ་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་དུ་ སིབ་སིབ་ཐིམས་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དྲིལ་གསིལ་དང་བཅས། འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་གཟིངས་ཀྱིས། །སྒྲོལ་བའི་ཐུགས་དམ་བཅས་པ་བཞིན། ། དམ་ཚིག་ཆེན་པོས་ཨེ་ཧྱེ་ཧཾ། །ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ [036B] ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་བས། ལུས་གང། དྲི་མ་དག་ཆུ་ལྷག་མ་ཡར་ལུང་པ་ལས་འོད་དཔག་ མེད་ཀྱིས་དབུ་བརྒྱན་པར་གྱུར། དེས་སྐུའི་རྗེས་གནང་སོང། ༈ དུས་གསུམ་། སྐུ་གསུམ་། འགྲོ་ བའི་། གསུང་གི་རྗེས་གནང་སྩལ་དུ་གསོལ། ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དང་སློབ་མ་གསུམ་གའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་ལྔ་སྦྲགས་དང་བཅས་པར་ཏཱཾ་ ཡིག་ལ་བཟླ་བའི་སྔགས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྡོར་འཕྲེང་འོད་འཕྲེང་དང་བཅས་པས་བསྐོར་བ་གསལ་བཏབ་སྟེ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་ དཀར་པོའི་ཚོགས་འཕྲོས་པ། སློབ་མ་རྣམས་ཀྱི་སྙིང་གའི་སྔགས་འཁོར་ལ་འཕོག་པས་དེ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང། ནང་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ ཚེའི་བར་ཆད་ཐམས་ཅད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱིར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དང། འོད་ཟེར་དཀར་པོའི་གུར་ཁང་འདོམ་གང་ཁོར་ཡུག་ [037A]༄༅། །ཙམ་གྱིས་བསྐོར་བས་ཞི་བའི་ལས་ཐམས་ཅད་གྲུབ་པར་བསམ། དེ་བཞིན་དུ་འོད་ཟེར་སེར་པོས་ཚེ་བསོད་ཡེ་ཤེས་རྒྱས་པ། དམར་པོས་ཁམས་གསུམ་དབང་དུ་བསྡུ་བ། སྔོན་པོས་ དགྲ་བགེགས་ཚར་གཅོད་པ། ལྗང་གུས་འཕྲིན་ལས་རབ་འབྱམས་འགྲུབ་པ། མཆིན་ཁས་དངོས་གྲུབ་ཐམས་ཅད་བརྟན་པར་བསམས་ལ། ཡེ་དཧར། ཀཱ་ལི༑ ཨཱ་ལི་རྣམས་ཚར་རེ། སྔགས་སྤེལ་ཚིག་བཏགས་པ་ ཚར་གསུམ། ཡི་གེ་བཅུ་པ་ཚར་བདུན་རྗེས་ཟློས་བྱ། དེ་ནས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་ གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་སྔགས་ཀྱི་འཕྲེང་བར་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་མགོ་བོར་ཕུལ་བའི་མོས་པ་མཛོད། མེ་ཏོག་གཏོར་ཅིང། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་ བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་གསུང་གི་བྱིན་རླབས་མ་ལུས་ པ་འཇུག་པར་གྱུར་ཅིག་ངེས་གསུང་གི་རྗེས་གནང་སོང། ༈ དུས་གསུམ་། སྐུ་གསུམ་། འགྲོ་བའི་་ [037B] །ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ཏཱཾ་ཡིག་ལས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་མེ་ཏོག་ཨུཏྤལ་ དང་རྒྱལ་སྲིད་སྣ་བདུན་དང། བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་རྣམ་པར་སྤྲོས། སློབ་མ་རྣམས་ཀྱི་སྙིང་གའི་ཏཱཾ་ཡིག་ལ་ཐིམས་པས་རྒྱད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དྲིལ་གསིལ་དང་མེ་ཏོག་ གཏོར་ཅིང། སྔགས་ཀྱི་མཇུག་ཏུ་བཛྲ་ཨཱ་བེ་ཤ་ཨ་ཨ། ཞེས་བརྗོད། དེས་ཐུགས་ཀྱི་རྗེས་གནང་སོང། རྗེས་ཆོག་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་ བསྐྱེད་གཏོར་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ལྷག་པའི་ལྷ་ནི་མཛད་དུ་གསོལ། །རྐྱེན་ངན་བར་ཆད་ཐམས་ ཅད་སོལ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཛཧཱུཾ་བཾ་ཧོཿ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་སྒོ་ནས་བྱིན་གྱིས་བརླབས་ པར་བསམ། འདིའི་དམ་ཚིག་རྣམས་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། །ལན་གསུམ། གཏང་རག་གི་ [038A]༄༅། །མཎྜལ་ཕུལ། རང་གི་ལུས་བྲན་དུ་འབུལ་སམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱེད་ཀྱིས་སློབ་མར་གཟུང་ བ་དང། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ། བསྔོ་སྨོན་ཤིས་བརྗོད་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཇི་ལྟར་བྱ་ཚུལ་འདི་ཡང་ རྒྱལ་བ་དགེ་འདུན་རྒྱ་མཚོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་ཏཱ་ར་ནཱ་ཐ། དགེ་སློང་ཆོས་ཀྱི་གྲགས་པ་སོགས་ཀྱི་གཞུང་ལ་བརྟེན་ནས། གསེར་འཕྱང་གི་ལོ་དགེ་སློང་དྷརྨ་བྷ་དྲས་བཞད་དངུལ་ ཆུའི་རི་ཕུག་ཏུ་སྦྱར་བའོ།།